༄༅། །འདུས་པ་འཕགས་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་མཆོག་གི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། [001A] །ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། སྣང་གསུམ་དག་པ་དོན་གྱི་འོད་གསལ་དབྱིངས། །ལྷན་སྐྱེས་སྒྱུ་མའི་རོལ་བར་ཟུང་འཇུག་གར། །རྟེན་དང་བརྟེན་ པའི་བཀོད་པ་རབ་འབྱམས་སྤྲིན། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་འཁོར་ལོར་འདུད། །རྒྱུད་རྒྱལ་མཐར་ཐུག་འདུས་པའི་ལམ་བཟང་ལ། ། སྙིང་ནས་མོས་ཀྱང་རྣམ་གཡེང་ལེ་ལོ་ཡིས། །ཉམས་སུ་ལེན་པའི་སྐལ་བས་ཕོངས་པ་ལ། །བསོད་ནམས་མཆོག་གི་དགའ་སྟོན་འདི་ན་སྤེལ། །འདིར་ཚེ་ གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དག་གིས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཡ་མ་བྲལ་བར་ཉམས་སུ་བླངས་ན་ལམ་ཤིན་ཏུ་མྱུར་ལ། དེ་ཡང་གཙོ་བོ་རྫོགས་རིམ་ [002A]༄༅། །གྱི་སྟེང་ནས་ཡིན་ཡང། རང་རང་གི་རྫོགས་རིམ་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེ་བ་ལ་རང་རང་གི་བསྐྱེད་རིམ་གྱི་ཁྱད་པར་སོ་སོ་རྒྱུད་སྨིན་པ་སྔོན་དུ་འགྲོ་དགོས་པས། དེའི་ཕྱིར་ གསང་བདེ་འཇིགས་གསུམ་ཡ་མ་བྲལ་བ་ནི་དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཡི་དམ་གཙོ་བོར་མཛད་པས་སྤྲུལ་ཐབས་རྒྱས་པ་ཡོངས་སུ་གྲགས་པ་ལྟར་ཉམས་སུ་ལེན་ཐུབ་ན་རབ་དང། བདག་དང་བདག་འདྲ་བ་རྣམ་གཡེང་གི་ཁོལ་བོར་སོང་བདག་ བདེ་འཇིགས་གཉིས་སྒྲུབ་ཐབས་རྒྱས་པ་ལྟར་ཉམས་སུ་ལེན་ཁུལ་ཡང་འདུས་པའི་སྒྲུབ་ཐབས་རྒྱས་པ་མི་ལྕོག་པ་དག་གསང་བདེ་འཇིགས་གསུམ་ཡ་མ་བྲལ་པའི་ཆེད་དང། འདུས་པའི་ལམ་ལ་བག་ཆགས་ཙམ་འཇོག་ཕྱིར་འདུས་ པའི་སྒྲུབ་ཐབས་མདོར་བསྡུས་ཏེ་ཉམས་སུ་ལེན་པར་འདོད་ན། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། ། [002B] །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང། །སེམས་དཔའ་དམ་པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་ རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་ སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོཉཧཾ། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ ལྟེ་བར་ཨཱ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་སེར་པོ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་སྐོར་དུ་མགྱོགས་པར་འཁོར་བ། རྡོ་རྗེ་འབར་བའི་སྤྲིན་གྱི་ཕྲེང་བ་ཕྱོགས་ བཅུར་འཕྲོ་བ། ལྟེ་བའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན། ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་རྩེ་མོ་དང་ལྟེ་བའི་ནང་གི་སྟེང་འོག་གི་རྩིབས་ལ་ཅུང་ཟད་མ་རེག་པར་སྣ་ཚོགས་པདྨ་ [003A]༄༅། །དང་ཉི་མའི་གདན་རེ་རེ། གདན་དབུས་མའི་སྟེང་དུ་རང་ཉིད་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་དཀར་ནག་དར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་ རིན་ཆེན་རལ་གྲི་འཛིན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། རིན་པོ་ ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིན་བཟའ་ཅན་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་གསུམ་གཉིས་མཚན་བ་ཡབ་ཡུམ་སྙོམས་པར་ཞུགས་པའི་ ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བ་སྤྱན་དྲངས། ཞལ་ནས་ཞུགས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་པའི་ཐིག་ལེ་བཅུ་གཅིག་ཧུཾ་རིང་པོ་བཅུ་ གཅིག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་དང། ཁྲོ་བོ་བཅུར་གྱུར་བའི་མི་བསྐྱོད་པ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་ [003B] རང་གི་ཐུགས་ཀར་དྲངས། བཛྲ་དྷྲྀཀ་ཐུགས་ཀ་ནས་ཕྱིར་ཕྱུང། ཕྱོགས་བཅུར་འཕྲོས། ཆོས་འཁོར་བསྐོར་བ་ལ་སོགས་པའི་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་དུའང་སེམས་ ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས། མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས། རང་ལ་རྗེས་སུ་ཞུགས་པས་ སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་དུ། རང་ཉིད་ཞེ་སྡང་རྡོ་རྗེ། རྡོ་རྗེ་དབྱིངས་ཡིད་བང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོར་གྱུར་པ་དག་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ། སེམས་དཔའ་ གསུམ་གྱི་བདག་ཉིད་ཅན་དུ་གྱུར། ཁྲོ་བོ་བཅུ་པོ་རང་གི་ཐུགས་ཀར་དྲངས། ཡ་མཱནྟ་ཀྲྀཏ། པྲཛྙཱླནྟ་ཀྲྀཏ། པདྨའནྷ་ཀྲྀཏ། བེགྷྣཱནྟ་ཀྲྀཏ། ཨ་ཙ་ལ། ཊིཀྐ་རཱ་ཛཱ། ནཱི་ལ་དཎྜ། མྷཱ་བཱ་ ལ༑ ཨུའྞཱི་ཥ་ཙ་ཀྲ་ཝ་རྟི། སུམྦྷ་རཱ་ཛཱ། ཐུགས་ཀ་ནས་ཕྱིར་ཕྱུག་ཕྱོགས་མཚམས་ཀྱིར་ཙིབས་ཀྱི་ནང་དང། སྟེང་འོག་གི་པ་ གྱིས་འཁོད། བདག་ཉིད་ཀྱིས་བལྟས་པས་བཀུག་པའི་གནོད་མཛེས་གཉིས་པ་མདུན་དུ་བཀའ་ནོད་པ་ལ། ཨོཾ་སུ་མ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ་བྷ་ག་ [004A]༄༅། །ཝན་བིདྱཱ་རཱ་ཛཱ་ཧཱུཾ་ཕཊ། ཅེས་བཀའ་བསྒོས་པས། གནོད་མཛེས་ཀྱི་ཕྱག་གཡས་ཀྱི་རྡོ་རྗེ་དེ་རྡོ་རྗེ་ལྕགས་ཀྱུར་གྱུར་ནས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་གནས་ལྕགས་ཀྱུས་བཟུང། མགྲིན་ པ་ནས་ཞགས་པས་བཅིངས་ཏེ་བཀུག་ནས་ཁྲོ་བོ་བཅུ་ལ་གཏད་པས་ཕྱི་རོལ་ཏུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པ་འབྲུག་ཁུང་གི་རྣམ་པ་ཅན་དུ་བཅུག་པར་གྱུར། བྱང་གི་བདུད་རྩི་འཁྱིལ་པས་སྤྲུལ་པའི་བདུད་རྩི་འཁྱིལ་པ་གཉིས་པ་དེ་ ཡོངས་སུ་གྱུར་པ་ལས། སྟོད་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ། ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག་པར་གྱུར། ཨོཾ་གྷ་གྷ་ གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་བཊཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷཾ་རོ་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱ་ན་ཀཱ་ཡ་ཝཱ་ཀ་ཙི་ཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ ལྕགས་ཀྱུ་དེ་རྡོ་རྗེའི་ཐོ་བ་མེའི་བར་བར་གྱུར་པས། སྟེང་འོག་གི་ཕུར་བུ་རྣམས་ཀྱི་སྤྱི་བོ་ནས་བརྡུངས། བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཕུར་བུས་བཏབ་པས་ལུས་ངག་ཡིད་གསུམ་གཡོ་འགུལ་ མེད་པར་གྱུར། སྤྲུལ་པའི་གནོད་མཛེས་འོག་གི་གནོད་མཛེས་ལ་ཐིམ། སླར་ཡང་ཁྲོ་བོ་དང་ཕུར་བུ་རྣམས་ལས་རྡོ་རྗེའི་མེ་འོད་རབ་ཏུ་འབར་བ་ཕྱོགས་བཅུར་འཕྲོས་པས་འཁོར་གྱི་བགེགས་གདུག་པ་ཅན་རྣམས་ [004B] ཊིཀྐ་ཧཱུཾ་ཛཿ་ཁྲོ་པོ་རྣམས་ཀྱི་ཕྱི་རོལ་ཏུ་ལྕགས་ཀྱི་རྡོ་རྗེའི་རྭ་བ། ཊིཀྐ་ཧཱུཾ་ཛཿ་དེའི་ཕྱི་རོལ་ཏུ་ཆུའི་རྭ་པ། ཊིཀྐ་ཧཱུཾ་ཛདེའི་ཕྱི་རོལ་ཏུ་མེའི་རྭ་བ། ཊིཀྐ་ཧཱུཾ་ཛཿ་དེའི་ཕྱི་རོལ་ཏུ་རླུང་གི་རྭ་བ། ཧཱུཾ་ ལས་ལྕགས་ཀྱི་རྭ་བའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་རེ། འོག་གཞི་ཧཱུཾ་ལས་རྡོ་རྗེའི་ས་གཞི། ཕྱིའི་ཕྱོགས་མཚམས་ཐམས་ཅད་དུ་མ་དེའི་དྲ་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ བ་འཕྲོ་བ་དང་བཅས་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱ་དམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། ཨོཾ་ཨཱ་ཧཱུཾ། ལན་གསུམ་བརྗོད། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་ པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་པོ་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པས། སྒོམ་པ་དང་བསྒོམ་པར་བྱ་བ་དང་སྒོམ་པ་པོ་ གསུམ་མི་དམིགས་པའི་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་ དབུས་སུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་ [005A]༄༅། །དབྱིབས་ཅན། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་རཾ་ཧཱུཾ་གི་རཾ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། ཧཱུཾ་གཉིས་ ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་བཾ་ཧཱུཾ་གི་བཾ་དཀར་པོ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ་ དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་གི་ལཾ་སེར་པོ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ་སྤྱན་སོགས་ལྷ་མོ་བཞིའི་ངོ་བོར་གྱུར། དཀྱིལ་འཁོར་བཞི་པོ་ གཅིག་ཏུ་འདྲེས་པ་ལས་སྣ་ཚོགས་རྡོ་རྗེར་གྱུར་པའི་ལྟེ་བའི་སྟེང་དུ་བྷཱུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུབ་ཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ ལྗང་སྔོ་བའི་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ། གསེར་གྱི་སྐ་རགས། དོ་ཤལ་དང་དོ་ཤལ་ཕྱེད་པ། ཤར་བུ་མདའ་ཡབ་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ ཐམས་ཅད་དང་ལྡན་པའི་གཞལ་ཡས་ཁང་གི་ནང་གི་ཕྱེད་ཀྱི་ཚད་ཀྱི་ཕྱི་ངོས་སུ་འོད་ཟེར་རྣམ་པ་ལྔའི་འཕྲེང་བས་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་ [005B] རིམ་པ་གཉིས་པའི་གྲྭའི་གཡས་གཡོན་གཉིས་སུ་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་གཉིས་གཉིས་ཏེ་བུམ་པ་ བརྒྱད་ཀྱིས་མཛེས་པར་བྱས་པ། ལྷ་དང་མི་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་ཁང་བཟང་དམ་པ་ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བའི་ནང་གི་སྟེང་དང། འོག་གིས་གཞི་ཐམས་ཅད་ ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང། དབུས་སྔོ་བར་གྱུར་པའི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག། གཙོ་བོ་དང་ཁྲོ་བོ་བཅུ་ལ་ཉི་མའི་གདན། རྣམ་སྣང་ལ་སོགས་པའི་ཤར་ཕྱོགས་པ་ རྣམས་ལ་ཟླ་བའི་གདན། མཱ་མ་ཀཱི་ལ་རྡོ་རྗེའི་གདན། དེ་མ་གཏོགས་པའི་ལྷོ་ཕྱོགས་པ་རྣམས་ལ་རིན་པོ་ཆེའི་གདན། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོའི་གདན། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་ གདན། གདན་དེ་རྣམས་ཀྱི་སྟེང་དུ་སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆང་སྔོན་པོ་སྔོ་དཀར་དམར་བའི་ ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་ [006A]༄༅། །བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་ དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང། འདོད་ཡོན་ལྔའི་དགའ་བས་ རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང་དར་དབྱངས་ཀྱིས་ མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན་དང། མུ་ཏིག་གི་སེ་མོ་དོ་དང། རིན་པོ་ཆེའི་དོ་ཤལ་དང། ཕྱག་གདུབ་དང། ཞབས་གདུབ་དང། རིན་པོ་ཆེའི་འོག་པག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་ པ༑ སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་གཤལ་བྱས་ཤིང། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ པར་གྱུར། ཤར་དུ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོར་རིན་ [006B] སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ་མི་བསྐྱོད་པའི་དབུ་ རྒྱན་ཅན། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་གྱི་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་ཅིང། གཡས་ཀྱི་དང་པོས་ཐུགས་ཀར་པདྨ་ཁ་འབྱད་ པར་མཛད་པ། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་ཆེན་རལ་གྲི་འཛིན་པ། བྱང་དུ་དོན་གྲུབ་ལྗང་གུ་མི་བསྐྱོད་པའི་དབུ་རྒྱན་ཅན། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རལ་གྲི་སྣ་ཚོགས་ རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། ཤར་ལྷོར་སྤྱན་མ་དཀར་མོ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ། ནུབ་བྱང་དུ་གོས་དཀར་མོ་དམར་མོ། བྱང་ཤར་དུ་སྒྲོལ་མ་ལྗང་གུ། རིམ་པ་གཉིས་པའི་ ཤར་ལྷོར་གཟུགས་རྡོ་རྗེ་དཀར་མོ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། རིན་པོ་ ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང། དར་དབྱངས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན་དང། མུ་ཏིག་གི་སེ་མོ་དོ་དང། རིན་པོ་ཆེའི་ [007A]༄༅། །དོ་ཤལ་དང། ཕྱག་གདུབ་དང། ཞབས་གདུབ་དང། རིན་པོ་ཆེའི་འོག་པག་སྟེ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་གཤལ་བྱས་ཤིང། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་གསོལ་བ་ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང། འདོད་ཡོན་ལྔའི་དགའ་བས་རོལ་པ། འོད་ཀྱི་དཀྱིལ་ འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་སྒྲོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་དུ་བྱམས་པ་དང། ས་སྙིང་དཀར་པོ། ལྷོ་སྒོའི་གཡས་གཡོན་གྱི་ གདན་ལ་རིམ་པ་བཞིན་དུ་ཕྱག་རྡོར་དང། ནམ་སྙིང་སེར་པོ། ནུབ་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང། འཇམ་དཔལ་དམར་པོ། བྱང་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་ བཞིན་དུ་སྒྲིབ་སེལ་དང་ཀུན་བཟང་ལྗང་གུ། ཤར་སྒོར་གཤིན་རྗེའི་གཤེད་ནག་པོ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ། ནུབ་སྒོར་རྟ་མགྲིན་དམར་པོ། བྱང་སྐོར་བགེགས་མཐར་བྱེད་སྔོན་པོ། ཤར་ལྷོར་མི་ གཡོ་བ་ནག་པོ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ་ [007B] དར་སྣ་ཚོགས་ཀྱི་ན་བཟའ་ཅན། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་ དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ་གཡོན་བརྐྱང་གིས་བཞུགས་པ། སྤྱན་མ་ནས་གནོད་མཛེས་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ་རང་རང་ གི་རིགས་ཀྱི་བདག་པོའི་དབུ་རྒྱན་ཅན་དུ་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་འཇུག་པའི་རྡོ་རྗེ་སེམས་དཔའི་འཇུག་པས་ ཞུགས་པ་ལ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། རྡོ་རྗེ་སེམས་དཔར་གྱུར་ནས་རང་རང་གི་ སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་ སུ་འཁོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་གྱུར་པ་ནི། སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་ [008A]༄༅། །སྤྱན་མ། སྙིང་གར་མཱ་མ་ཀཱི། མགྲིན་པར་གོས་དཀར་མོ། སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག། སྙིང་གར་ འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམས་སེལ། ཚིགས་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མ། སྣའི་སྒོར་དྲི་རྡོ་རྗེ་མ། ལྕེའི་སྒོར་རོ་ རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱ་རྡོ་རྗེ་མ། ལག་པ་གཡས་ལ་གཤིན་རྗེའི་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བགེགས་མཐར་བྱེད། དཔུང་པ་གཡས་པའི་རྩ་བར་མི་གཡོ་བ་ དཔུང་པ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་ བདག་ཉིད་ཀྱི་ལུས་ཀྱི་ལྷ་རྣམ་སྣང། སྤྱན་མ། སའི་སྙིང་པོ། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེའི་གཤེད། མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང། མཱ་མ་ཀཱི། ཕྱག་རྡོར་ སྒྲ་རྡོ་རྗེ་མ། གཞན་གྱིས་མི་ཐུབ་པ། འདོད་པའི་རྒྱལ་པོ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་འོད་དཔག་མེད། གོས་དཀར་མོ། ནམ་མཁའི་སྙིང་པོ། དྲི་རྡོ་རྗེ་མ། རྟ་མགྲིན། དབྱུག་སྔོན་ཅན་ [008B] དེ་ནས་དོན་གྲུབ། སྒྲོལ་མ། འཇིག་རྟེན་དབང་ཕྱུག་རོ་རྡོ་རྗེ་མ། སྒྲིབ་སེལ། རེག་བྱ་རྡོ་རྗེ་མ། ཀུན་བཟང། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་ དེ་ནས་གཙུག་ཏོར་འཁོར་ལོས་བསྒྱུར་བ། གནོད་མཛེས་རྒྱལ་པོ། འཇམ་དཔལ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་ཞིང། གཙོ་བོ་ཡང་རིམ་གྱིས་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤཱུཉ་ཏཱ་ཛྙཱ་ན་བཛྲ་སྭ་བྷའ་ཝ་ཨཱྟྨ་ཀོཉྷཾ། གདན་ དབུས་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨོཾ་ཨཱ་ཧཱུཾ་གི་ཡི་གེ་གསུམ་ སྟེང་ནས་སྟེང་དུ་བརྩེགས་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་བསྡུས་ཏེ་ཟླ་བ་ལ་ཐིམ་ ཨོཾདྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོཉྷཾ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་ཟླ་བར་སྣང་བ་དེ་བའོ། །ཟླ་བའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ཟླ་བ་ལས་བྱུང་བའི་ཨོཾ་དཀར་པོ། ཨཱ་དམར་པོ་ ཧཱུཾ་སྔོན་པོ། དེ་དག་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ནས་རིགས་ལྔ་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཟླ་བ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཨོཾ་ཨཱ་ཧཱུཾ་གི་ [009A]༄༅། །མཚན་པ། བཛྲ་ཨཱཏྨ་ཀོཉཧཾ། རྡོ་རྗེ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དང་པོའི་མགོན་པོ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་ འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་ སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་མི་བསྐྱོད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ ཐོབ་པར་གྱུར། མི་བསྐྱོད་པ་ཐམས་ཅད་ཀྱང་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདྲེས་པ་ལ། རང་ཉིད་རྗེས་སུ་ཞུགས་པས་རང་ཉིད་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། བདག་ཉིད་ཀྱི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་ནི་དཀྱིལ་འཁོར་གྱི་ཟུར་བཞི་ ཁ་སྣ་བཤང་གཅིའི་ལམ་གྱི་བུག་བཞི་ནི་སྒོ་བཞི། རྣམ་རྟོག་གི་བཞོན་པ་ཡེ་ཤེས་ལྔ་དག་པའི་རླུང་ཁ་དོག་ལྔ་པ་ནི་རྩིག་པ་རིམ་པ་ལྔ། ལྕེའི་རྣམ་ཤེས་ནི་རིན་པོ་ཆེའི་ཕ་གུ། རྒྱུ་མ་དྲ་བ། རྒྱུས་པ་དྲ་ཕྱེད་ [009B] མིག་གི་རྣམ་ཤེས་ནི་མེ་ལོང། སྣའི་རྣམ་ཤེས་ནི་མེ་ཏོག་གི་ཕྲེང་བ། ལྕེའི་དབང་པོ་ནི་དྲིལ་བུ། ལུས་ཀྱི་དབང་པོའི་ཚོགས་རྔ་ཡབ་ཏུ་གྱུར་པ་ནི་དྲ་བ་དང་དྲ་ཕྱེད་ཀྱི་རྒྱན་ནོ། །རྣ་བ་དང་ ལུས་ཀྱི་རྣམ་ཤེས་ནི་མདའ་ཡབ་ལ་གནས་པའི་བ་ངན་དང་དར་འཕན། རྗེ་ངར་བརླ་དཔུང་ལག་ངར་གྱི་རྐང་བརྒྱད་ནི་ཀ་བ་བརྒྱད། ལྟོ་བ་ནི་དཀྱིལ་འཁོར་གྱི་ནང་གི་བུམ་པ། རྣ་བའི་དབང་པོ་ནི་མཚམས་རྣམས་ཀྱི་ཟླ་ཕྱེད་ རྡོ་རྗེ༑ ཕུང་པོ་ལྔ་རྣམ་པར་དག་པ་ནི་དཀྱིལ་འཁོར་གྱི་ཁ་དོག་ལྔ། གསང་གནས་ལྟེ་བ་སྙིང་ག་གདོང་གི་སྣ་རྩེ་བཞི་ནི་རྟ་བབས་བཞི། མིག་གི་དབང་པོ་ནི་དེའི་སྟེང་གི་འཁོར་ལོ། ཡིད་ཀྱི་རྣམ་ཤེས་ནི་རི་དྭགས། སྣའི་དབང་ པོ་ནི་རྟ་བབས་ཀྱི་བ་དན། ཡིད་ཀྱི་དབང་པོ་ནི་དབུས་ཀྱི་པདྨ་སྟེ། དེ་ལྟར་ལུས་ཀྱི་ཆ་ཐམས་ཅད་གཞལ་ཡས་ཁང་གི་ཆ་སོ་སོར་གྱུར། རང་གི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་གཟུགས་ཀྱི་ཕུང་པོའི་ངོ་བོ་ཨོཾ་དཀར་ པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྐྲ་མཚམས་ནས་མགྲིན་པའི་བར་དུ་འདུ་ཤེས་ཀྱི་ཕུང་པོའི་ངོ་བོ་ཨཱ་དམར་པོ་ཡོང་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ་མི་བསྐྱོད་པའི་དབུ་ རྒྱན་ཅན། མགྲིན་པ་ནས་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གའི་བར་དུ་རྣམ་ཤེས་ཀྱི་ཕུང་པོའི་ངོ་བོ་ཧཱུཾ་སྔོན་པོ་ཡོང་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྙིང་གནས་ལྟེ་བའི་བར་དུ་ཚོར་ [010A]༄༅། །བའི་ཕུང་པོའི་ངོ་བོ་སཱ་སེར་པོ་ཡོངས་སུ་གྱུར་པ་ལས་རིན་འབྱུང་སེར་བོ་མི་བསྐྱོད་པའི་དབུ་རྒྱན་ཅན། ལྟེ་བ་ནས་བརླའི་རྩ་བའི་བར་བུ་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ཧཱ་ལྗང་གུ་ཡོངས་སུ་གྱུར་པ་ལས་དོན་ གྲུབ་ལྷང་གུ་མི་བསྐྱོད་པའི་དབུ་རྒྱན་ཅན། ལྟེ་བར་ལུས་ཀྱི་སའི་ཁམས་ཐམས་ཅད་ཀྱི་ངོ་བོ་ལ་ཡོངས་སུ་གྱུར་པ་ལས་སྤྱན་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། སྙིང་གར་ལུས་ཀྱི་ཆུའི་ཁམས་ཐམས་ཅད་ཀྱི་ངོ་བོ་མཾ་ཡོང་སུ་ གྱུར་པ་ལས་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། མགྲིན་པར་ལུས་ཀྱི་མེའི་ཁམས་ཐམས་ཅད་ཀྱི་ངོ་བོ་པཾ་ཡོངས་སུ་གྱུར་པ་ལས་གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་ལུས་ཀྱི་རླུང་ གི་ཁམས་ཐམས་ཅད་ཀྱི་ངོ་བོ་ཏཱཾ་ཡོངས་སུ་གྱུར་པ་ལས་སྒྲོལ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། མིག་གཉིས་སུ་མིག་དབང་གི་ངོ་བོ་ཐིལ་ཡོངས་སུ་གྱུར་པ་ལས་ས་སྙིང་དཀར་པོ་རྣམས་སྣང་གི་དབུ་རྒྱན་ཅན། མིག་གི་སྒོར་ལུས་ཀྱི་ གཟུགས་ཀྱི་རང་བཞིན་རྫཿ་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། རྣ་བར་རྣ་བའི་དབང་པོའི་ངོ་བོ་ཨོ་ཡོངས་སུ་ གྱུར་པ་ལས་ཕྱག་ན་རྡོ་རྗེ་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། རྣ་བའི་སྒོར་ལུས་ཀྱི་སྒྲའི་རང་བཞིན་ཧཱུཾ་ཡོངས་སུ་གྱུར་པ་ལས་སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི་དབུ་རྒྱན་ཅན། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ [010B] སྣར་སྣའི་དབང་པོའི་ངོ་བོ་ཨོཾ་ཡོངས་སུ་གྱུར་པ་ལས་ནམ་སྙིང་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། སྣའི་སྒོར་ལུས་ཀྱི་དྲིའི་རང་བཞིན་བཾ་ཡོངས་སུ་གྱུར་པ་ལས་དྲི་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ ཀྱི་དབུ་རྒྱན་ཅན། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། ལྕེར་ལྕེའི་དབང་པོའི་ངོ་བོ་ཨོཾ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཁའི་ སྒོར་ལུས་ཀྱི་རོའི་རང་བཞིན་ཧོཿ་ཡོངས་སུ་གྱུར་པ་ལས་རོ་རྡོ་རྗེ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་ལ་འབྱུང་པ། སྙིང་གར་ཡིད་དབང་གི་ངོ་བོ་ཧཱུཾ་ཡོངས་སུ་ གྱུར་པ་ལས་འཇམ་དཔལ་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། རྡོ་རྗེར་ལུས་དབང་གི་ངོ་བོ་ཨོཾ་ཡོངས་སུ་གྱུར་པ་ལས་སྒྲིབ་སེལ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། རྡོ་རྗེའི་སྒོར་ལུས་ཀྱི་རེག་བྱའི་རང་བཞིན་ ཁཾ་ཡོངས་སུ་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། ཚིགས་རྣམས་ལ་ཚིགས་རྣམས་ཀྱི་ངོ་བོ་སཾ་ཡོངས་སུ་གྱུར་ པ་ལས་ཀུན་བཟང་ལྷང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྩ་དང་རྒྱུས་པའི་རང་བཞིན་མཻཾ་ཡོངས་སུ་གྱུར་པ་ལས་བྱམས་པ་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། རྣམ་སྣང་ནས་བྱམས་པའི་བར་གྱི་ལྷ་ [011A]༄༅། །ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང། དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། ལག་པ་གཡས་ལ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་གཤིན་རྗེའི་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན་ ལག་པ་གཡོན་ལ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཤེས་རབ་མཐར་བྱེད་དཀར་པོ་རིན་འབྱུང་གི་དབུ་རྒྱན་ཅན། ཁལ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། རྡོ་རྗེ་ལ་ དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་བགེགས་མཐར་བྱེད་ནག་པོ་དོན་གྲུབ་ཁྱི་དབུ་རྒྱན་ཅན། དཔུང་པ་གཡས་པའི་རྩ་བར་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་མི་གཡོ་བ་སྔོན་པོ་རྣམ་སྣང་གི་དབུ་རྒྱན་ཅན། དཔུང་པ་གཡོན་ པའི་རྩ་བར་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་འདོད་རྒྱལ་སྔོན་པོ་རིན་འབྱུང་གི་དབུ་རྒྱན་ཅན། པུས་མོ་གཡས་ལ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། བུས་ མོ་གཡོན་ལ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ ཅན། རྐང་མཐིལ་གཉིས་སུ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་རྗེས་པོ་ལ་སོགས་པ་ཁྲོ་ [011B] རང་གི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྟེ་བར་ཨོཾ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་སྤྱན་མའི་ཚོགས་ནམ་མཁའི་གང་བ་སྤྲོས་ པས་སྐད་ཅིག་གིས་སྐུ་རྡོ་རྗེ་རྣམ་སྣང་གི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ་རྣམ་པར་སྣང་མཛད་སྤྱན་མ་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་གྱུར། དཔལ་ལྡན་སངས་རྒྱས་ སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་ བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཞེས་རྣམ་སྣང་གཙོ་འཁོར་ལ་གསོལ་བ་བཏབ་པས་སྤྲོས་པའི་སྤྱན་མ་དང་སྤྱན་དྲངས་པའི་རྣམ་སྣང་གི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་ པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང། འོད་ཟེར་དཀར་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་ པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་སྐུའི་དབང་ཕྱུག་ཐོབ་པར་གྱུར། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་པས། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག་ཨོཾ་ [012A]༄༅། །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲས་བྷཱ་ཝ་ཨཱཏྨ་ཀོཉཧཾ། རང་གི་ལྕེའི་དབུས་སུ་ཨཱ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱ་དམར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་གོས་དཀར་ མོའི་ཚོགས་ནམ་མཁའི་གང་བ་སྤྲོས་པས་སྐད་ཅིག་གིས་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ་འོད་དཔག་མེད་གོས་དཀར་མོ་དང་སྦྱོར་བའི་ མདུན་ན་རང་ཉིད་གནས་པར་གྱུར། ཆོས་ཀྱི་གསུང་ལམ་དཔལ་ལྡན་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་ བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་འོད་དཔག་མེད་གཙོ་འཁོར་ལ་གསོལ་བ་བཏབ་པས་ སྤྲོས་པའི་གོས་དཀར་མོ་དང་སྤྱན་དྲངས་པའི་འོད་དཔག་མེད་ཀྱི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོ་བ་འོད་ཟེར་དམར་ པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བདག་ཉིད་ཀྱི་ལྕེ་ལ་ཞུགས་ཏེ་ཡེ་ཤེས་ཀྱིས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་གསུང་གི་དབང་ཕྱུག་ཐོབ་པར་གྱུར། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། ། [012B] །བདག་གི་ཚིག་ཀྱང་དེ་འདྲ་ཞིང། །ཆོས་འཛིན་པ་དང་འདྲ་བར་ཤོག་ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྲ་བྷཱ་ཝ་ཨཱཏྨ་ཀོཉཧཾ། རང་གི་སྙིང་གའི་དབུས་སུ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་ འཁོར་གྱི་ལྟེ་བར་ཧཱུཾ་སྔོན་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་མཱ་མ་ཀཱིའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་སྐད་ཅིག་གི་ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷའི་ཚོགས་ནམ་མཁའ་གང་བ་སྦྱན་དྲངས་པའི་དབུས་ན་བཞུགས་ པའི་གཙོ་བོ་མི་བསྐྱོད་པ་མཱ་མ་ཀཱི་དང་སྦྱོར་པའི་མདུན་ན་རང་ཉིད་གནས་པར་གྱུར། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་ མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་མི་བསྐྱོད་པ་གཙོ་འཁོར་ ལ་གསལ་བ་བཏབ་པས་སྤྲེས་པའི་མཱ་མ་ཀཱི་དང་སྦྱན་དྲངས་པའི་མི་བསྐྱོད་པའི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང། འོད་ཟེར་ ནག་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བདག་ཉིད་ཀྱི་སྙིང་གར་ཞུགས་ཏེ་ཡེ་ཤེས་ཀྱིས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་ཐུགས་ཀྱི་དབང་ཕྱུག་ཐོབ་པར་གྱུར། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་ [013A]༄༅། །བའི་དབང་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་འགྱུར་ཞིང། །རྡོ་རྗེ་འཛིན་དང་མཚུངས་འགྱུར་ཤོག་ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། རང་ཉིད་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། རང་ཉིད་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོར་གསལ་ བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། ཁ་སྦྱོར་གྱི་སྦྱོར་པས་ ལུས་རྒྱས་པར་བྱེད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོར་ཇེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་རྟག་ཏུ་འཆར་བ་མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ་སྣང་ པའི་ཕུང་པོ་ཆེན་པོ་ལྟ་བུར་གྱུར། དམ་ཆོག་སེམས་པའི་རལ་བའི་ཅོད་པན་ལ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཁ་ སྦྱོར་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འཛག་པའི་རྒྱུན་གྱིས་ལུས་ཐམས་ཅད་ཚིམ་པར་བྱེད་པར་གྱུར། རང་གི་སྙིང་གནས་རང་རིགས་ཀྱི་རིག་མ་ཕྱུང། ཨོཾ་ཤཱུ་ཉ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། རིག་མ་ [013B] སྟོང་པའི་དང་ལས་ཁཾ་ལས་རྡོ་རྗེ་ཁཾ་གིས་མཆེན་པ། དེ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན་སྤོང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་ དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་ག་ལང་ཚེ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་པ། དེའི་སྤྱི་བོར་ཨོཾ་ལས་རྣམ་པར་སྣང་ མཛད། མགྲིན་པར་ཨཱལས་འོད་དཔག་མེད། སྙིང་གར་ཧཱུཾ་ལས་མི་བསྐྱོད་པ། ལྟེ་བར་སཱ་ལས་རིན་འབྱུང། བརླའི་རྩ་བར་ཧཱ་ལས་དོན་གྲུབ། ལྟེ་བར་ལཾ་ལས་སྤྱན་མ། སྙིང་གར་མཱཾ་ལས་མཱ་མ་ཀཱི། མགྲིན་པར་པཾ་ལས་ གོས་དཀར་མོ། སྤྱི་གཙུག་ཏུ་ཏཱཾ་ལས་སྒྲོལ་མ། མིག་ཏུ་ཛལས་གཟུགས་རྡོ་རྗེ་མ་ལས་ཉིང་གི་འཁྱུད་པ། རྣ་བར་ཧཱུཾ་ལས་སྒྲ་རྡོ་རྗེ་མ་ལ་ཕྱག་རྡོར་གྱིས་འཁྱུད་པ། སྣར་བཾ་ལས་དྲི་རྡོ་རྗེ་མ་ལ་ནམ་སྙིང་གིས་འཁྱུད་པ། ལྕེར་ཧོཿ་ལས་ རོ་རྡོ་རྗེ་མ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། བྷ་གར་ཁཾ་ལས་རེག་བྱ་རྡོ་རྗེ་མ་ལ་སྒྲིབ་སེལ་གྱིས་འཁྱུད་པ། ལག་པ་གཡས་ལ་ཧཱུཾ་ལས་རོ་ལངས་མ། ལག་བ་གཡོན་ལ་ཧཱུཾ་ལས་གཞན་གྱིས་མི་ཐུབ་མ། ཁ་ལ་ཧཱུཾ་ལས་ཁྲོ་ གཉེར་ཅན་མ། བྷ་གར་ཧཱུཾ་ལས་རལ་གཅིག་མ། དཔུང་པ་གཡས་པའི་རྩ་བར་ཧཱུཾ་ལས་དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ། དཔུང་པ་གཡོན་པའི་ཙ་བར་ཧཱུཾ་ལས་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་ལ་ཧཱུཾ་ལས་སྣ་ཚོགས་པདྨ་ [014A]༄༅། །པུས་མོ་གཡོན་ལ་ཧཱུཾ་ལས་སྣ་ཚོགས་ལས་མ། སྤྱི་གཙུག་ཏུ་ཧཱུཾ་ལས་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་གཉིས་སུ་ཧཱུཾ་ལས་ས་འཛིན་ལྷ་མོ་རྣམས་སུ་གྱུར། རང་གི་གསང་གནས་མི་དམིགས་པའི་ངང་ ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་བུ་ལ་ཧཱུཾ་ཡིག་གིས་མཚན་ཞིང་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་ པ་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། རང་ཉིད་རིན་འབྱུང་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉྷ། རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ༑ སྙོམས་ པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་ཐོབ། རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ༑ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉྷཾ། མཚམས་འདིར་རགས་བྲའི་རྣལ་འབྱོར་བསྒོམ། སྐྱོན༑ ལྷ་རང་རང་ གི་ཐུགས་ཀའི་ས་བོན་ལས་དཀྱིལ་འཁོར་པའི་ལྷའི་ཚོགས་སྤྲོས། འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཏུ་འཇུག་པའི་རླུང་གིས་སྙིང་གའི་ས་བོན་ལ་འཇུག་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར། ཨོཾ་ཨཱཧཱུཾ། ཨོཾ་ཨཱ་ བཛྲ་ཕྲྀཀྲ་ཧཱུཾ་ཧཱུཾ། ཨོཾ་ཨཱ་སྤརཤ་བཛྲ་ཁཾ་ཧཱུཾ། ཨོཾ་ཨཱ་ཛི་ན་ཛི་ཀྲ་ཨོཾ་ཧཱུཾ། ཨོཾ་ཨཱ་རཏྣ་དཧྲྀ་ཀ་སཱ་ཧཱུཾ། ཨོཾ་ཨཱཨཱ་རོ་ལིཀྲ་ཨཱཧཱུཾ། ཨོཾ་ཨཱཔྲ་ཛྙཱ་དྷྲྀཀྲ་ཧཱ་ཧཱུཾ། ཨོཾ་ཨཱ་མོ་ཧ་ར་ཏི་ལཾ་ཧཱུཾ། ཨོཾ་ཨཱདེ་ཥ་ར་ཏི་མཱཾ་ཧཱུཾ་ [014B] ཨོཾ་ཨཱབཛྲ་ར་ཏི་ཧཱུཾ་ཧཱུཾ། ཨོཾ་ཨཱརཱུ་པ་བཛྲ་ཛཧཱུཾ། ཨོཾ་ཨཱཤཔྟ་བཛྲ་ཧཱུཾ་ཧཱུཾ། ཨོཾ་ཨཱགནྡྷེ་བཛྲ་བཾ་ཧཱུཾ། ཨོཾ་ཨཱར་ས་བཛྲ་ཧོཿ་ཧཱུཾ། ཨོཾ་ཨཱ་མཻ་ཏྲི་མཻཾ་ཧཱུཾ། ཨོཾ་ཨཱཀྷི་ཏི་གརྦྷ་ཐླཱིཾ་ཧཱུཾ། ཨོཾ་ཨཱ་བཛྲ་ པཱ་ཎི་ཨོཾ་ཧཱུཾ། ཨོཾ་ཨཱཁཾགརྦྷ་ཨོཾ་ཧཱུཾ། ཨོཾ་ཨཱ་ལོ་ཀེ་ཤྭ་ར་ཨོཾ་ཧཱུཾ། ཨོཾ་ཨཱམྙྗུ་ཤྲཱི་ཧཱུཾ་ཧཱུཾ། ཨོཾ་ཨཱསརྦ་ཎི་ཝ་ར་ཎ་པི་སྐཾ་བི་ནི་ཨོཾ་ཧཱུཾ། ཨོཾ་ཨཱ་ས་མནྟ་བྷ་དྲ་སཾ་ཧཱུཾ། ཨོཾ་ཨཱ་ཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱ་པྲ་ ཛཱཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཔདྨའནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱབྷྣཱིན་ན་ཏ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱ་ཨ་ཙ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱ་ཊཀྐི་རཱ་ཛཱ་ཧཱུཾ་ཧཱུཾ། ཨོཾ་ཨཱ་ནཱི་ལ་དཎྜ་ཧཱུཾ་ཧཱུཾ། ཨོཾ་ཨཱམྷཱ་བཱ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ། ཨོཾ་ཨཱ་ སུམྦྷ་རཱ་ཛཱ་ཧཱུཾ་ཧཱུཾ། ཡིག་བརྒྱས་ལྷག་ཆད་ཁ་བསྐང། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རྒྱས་པར་འདོད་ན་ བསྟོད་པ་ཡོངས་རྫོགས་བྱས་ནས་མཆོད་པ་དང་ནང་མཆོད་དཀྱུས་ལྟར་བྱིན་གྱིས་བརླབ། མདོར་བསྡུ་ན། མཆོད་རྫས་དང་ནང་མཆོད་པ་སངས་སྦྱངས། སྟོང་བའི་ངང་ལས་ཨཱལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་དང་ བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་བྱུང་བའི་མཆོད་རྫས་དང། ནང་མཆོད་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། སྤརཤཱི་ [015A]༄༅། །བར་གྱིས་མཆོད། ནང་མཆོད་ཀྱང་རྒྱས་པ་གཞུང་བཞིན་དང། བསྡུ་ན། མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་ བསྡུས་པའི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བའི་བླ་མ། དཔལ་ལྡན་འདུས་པའི་དབང་རྒྱུད་བཤད་རྒྱུད་མན་ངག་གི་བརྒྱུད་ པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུཾ། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཧཱུཾ། ཤྲཱི་གུཧྱ་ས་མ་ཛ་མཎྜ་ལ་ཙཀྲ་སརྦ་བུད་དྷ་པོ་དཧི་སྟྭ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝའ་ར་ཨོཾ་ཨཱཧཱུཾ། ཞེས་ནང་མཆོད་ ཕུལ༑ ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་དགའ་བསྐྱེས། བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསང་བ་དང་དོཾ་ཁོ་ན་ཀྱི་མཆོད་པས་མཉེས་པར་གྱུར། རང་ ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་དབང་བསྐུར། སྒྲིབ་པ་སྦྱངས་ནས་ཧཱུཾ་ཡིག་ཏུ་གྱུར། དེས་ནམ་མཁའི་ཁམས་གང་བ་ཡོངས་སུ་ གྱུར་པ་ལས། རྡོ་རྗེ་འཆང་དུ་གྱུར་པ་རྣམས། རང་གི་འོད་ཟེར་གྱིས་དྲངས་ནས་རང་ལ་ཐིམ་པར་གྱུར། ཨོཾ་ཡོ་ག་ཤུདྦྷསརྦ་དྷརྨཱ་ཡོ་ག་ཤུདྡྷོ་ཉྷཾ། ཐུན་གཤམ་དུ་གཏོར་མ་འཕུལ་བའི་ཆོ་ག་ནི། གཏོར་མ་གཉིས་ནང་མཆོད་ལྟར་ [015B] རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཁྲོ་བོ་བཅུ་དང་བཅས་པའི་བསྲུང་པའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་དུ་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ པའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་དང། ཀླུ་རྣམས་དང། སེམས་ཅན་ཐམས་ཅད་བཀུག་པར་གྱུར་པར་བསམས་ལ། དབང་པོ་ལ་སོགས་པའི་འཇིག་རྟེན་པ་ཐམས་ཅད་སྐད་ཅིག་གིས་འོད་གསལ་དུ་ བཅུག་པ་ལས་འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ཨོཾ་ཨཱཧྲཱིཔྲ་ཝཱར་སད་ཀཱ་རཾ་ཨ་རྒྷཾ་པྲ་ ཏཱིཙྪ་ཧཱུཾ་སཱཧཱ། དེ་བཞིན་དུ། སརྒྷཾ། གྱི་གནས་སུ། པཱདྱཾ། ཨཱཉྩ་མཱ་ཎཾ། པྲོཀྵ་ཎཾ། བཅུག་ལ་ཐུན་མོང་དུ་ཆུ་བཞི་འབུལ། ཨོཾ་ཨཱ་བཛྲ་དྷྲྀཀ་ཧཱུཾ། སྤརཤ་བཛྲ་ཁཾ། ནས། སུམྦྷ་རཱ་ཛཱ་ཧཱུཾ། སརྦ་དུཥྚ་ནས་མ་ཡ་མུཏྲ་པྲ་བྷྙྫ་ག། མ་ མ་ཤཱནྟིཾ་རཀྵཙ་ཀུ་རུ་སཱཧཱ། ཞེས་འདུས་པའི་ལྷ་སོ་གཉིས་ལ་གཏོར་མ་འབུལ། དེ་ནས། ཨོཾ་ཨཱ་དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་ནམ་མཁའི་མཐའ་ཀླས་པ། །རྒྱ་མཚོ་སྤྲིན་གྱི་བཀོད་པ་ རབ་འབྱམས་ཀྱི། །ཤིན་ཏུ་ཕྲ་བའི་རྡུལ་སྐྱེས་དཀྱིལ་འཁོར་ནི། །ཕན་ཚུན་གཅིག་གི་ནང་དུ་གཅིག་སོན་པ། །སྙོམས་པར་འཇུག་པ་ཀུན་ཏུ་གནས་པ་ཡི། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ཞིང། །ནམ་མཁའི་ཁམས་ [016A]༄༅། །ཀྱི་ཡོངས་སུ་མཐར་ཐུག་པའི། །དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་མཐའ་ཡས་སྤྲིན་བཀོད་པ། །ནམ་མཁའ་རབ་འབྱམས་མཉམ་དང་འཇིག་རྟེན་སྐྱོང། །ཀུན་ དང་སེམས་ཅན་ཀུན་ཀྱང་འདི་ལྟ་སྟེ། །རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང། །རྡོ་རྗེ་མེ་དང་རྡོ་རྗེ་དུས་དང་ནི། །རྡོ་རྗེ་གཏུན་ཤིང་རྡོ་རྗེ་ཀླུ་དག་དང། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་བྱེད་དང། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་བྱེད་དན། །རྡོ་རྗེ་སྣ་རིང་རྡོ་རྗེ་ཁྲོ་བོ་དང། །རྡོ་རྗེ་འཁྱིལ་ བ་རྡོ་རྗེ་འོད་དང་ནི། །མི་སྨྲ་རྡོ་རྗེ་དང་ནི་ཐག་བཟང་རིས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་ལ། །མེ་ཏོག་དག་དང་བདུག་པ་མར་མེ་དན། །དྲི་དང་ལྷ་བཤོས་ལ་སོགས་ཡང་ད་ལྡན། །ཉེ་བར་སྤྱོད་པ་དང་ནི་གཏོར་མ་འདི། ། སོ་སོར་བཞེས་ཤིང་ཉེ་བར་ལོངས་སྤྱད་ནས། །བདག་གི་དབྱིག་གསེར་ནོར་འབྲུ་ལང་ཚོ་ཚོ། །ནད་མེད་པ་དང་བདེ་བ་དམ་པ་རྣམས། །འཕྲོག་པར་བྱེད་པའི་བགེགས་དང་ལོག་འདྲེན་ཀུན། །སྡང་དང་རབ་ཏུ་སྡང་བ་ཐམས་ ཅད་དང། །མི་དང་མི་མ་ཡིན་རྣམས་རྨོངས་པར་མཛེད། །རེངས་དང་བཅིང་དང་རྣམ་པར་འཇིག་པར་མཛོད། །བདག་ལ་དབྱིག་གསེར་ནོར་འབྲུ་ལང་ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་དང། །བདེ་བ་ཆེན་པོ་རབ་ཏུ་འཕེལ་ བ་རྣམས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །གནང་བར་མཛད་ཅིང་རྟག་ཏུ་སྟོང་གྲོགས་དང། །ཞི་བ་དང་ནི་སྲུང་བར་མཛད་དུ་གསོལ། །ཧཱུཾ་སཱ་ཧཱ། ཞེས་གཏོར་མ་ཕུལ་བས་འཕྲིན་ལས་བཅོལ། དེ་ནས། ཨོཾ་ཨཱཧྲཱི་པྲ་ [016B] ཨོཾ་ཨཱཧྲཱི་པྲ་ཝཱ་ར་སད་ཀཱ་རཾ་ཨརྦྷཾ་པྲ་ཏཱིཙྪ་ཧཱུཾ་སཱཧཱ། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། བཛྲ་ཌྷྲྀ་ཀྲ་ཨོཾ་ཨཱཧཱུཾ། ཞེས་པ་ནས། སུ་མྦྷ་རཱ་ཛ་ཨོཾ་ཨཱ་ ཧཱུཾ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པུཥྤེ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། ཨོཾ་ད་ཤ་དི་ཀ་ལོ་ཀྤཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱ་ཧཱུཾ། ཡིག་བརྒྱ་བཟླས། མ་རྙེད་ཡོངས་སུ་མ་ཤེས་དང། །ཞེས་སོགས་ཀྱིས་བཟོད་པར་གསོལ། འདུས་པའི་ རྟེན་དང་བརྟེན་པའི་དཀྱིལ་འཁོར་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོག་ཤུདྡྷོཉྷཾ། ཕྱོགས་སྐྱོང་རྣམས་རང་གནས་སུ་གཤེགས་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག། སངས་རྒྱས་ཀུན་གྱི་ཀུན་ བདག་ཉིད། །རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག་ འགྲོ་བས་ཀྱང་ནི་དེ་ཐོབ་ཤོག་བྱང་ཆུབ་ཕྱིར་ནི་སྤྱོད་གང་དང། །རྫོགས་སངས་རྒྱས་ཀྱི་གང་ཡིན་པ། །བྱང་ཆུབ་རྡོ་རྗེས་གང་གསུངས་པའི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ ཤོག༑ ཅེས་སོགས་ལམ་རིམ་པ་གཉིས་ལས་བརྩམས་ཏེ་སྨོན་ལམ་གདབ་བོ། །དེ་ནས་ཐུན་དངོས་གཞི་ལས་ལངས་ནས་ཐུན་མཚམས་སུ་གང་སྣང་ཐམས་ཅད་ལྷག་པའི་ལྷའི་ངོ་བོར་བལྟས་ལ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་ཅི་ཐུབ་བྱ། ལུས་བརྟགས་པར་བྱེད་པ་དང། ཉལ་བ་དང། ལྡང་བ་དང། ཁྲུས་ དང། ཁ་ཟས་ཀྱི་རྣལ་འབྱོར་སོགས་སྒྲུབ་ཐྦྶ་ལས་འབྱུང་བ་ལྟར། རྡོ་རྗེ་འཆང་གི་རྣལ་འབྱོར་དང་ལྡན་པའི་ཚངས་པར་སྤྱོད་པས་ནལ་འབྱོར་ཐོབ་པ་དོན་ཡོད་པར་བྱའོ། །མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་འདུས་པའི་རྒྱུད། །ས་བཅུའི་དབང་ཕྱུག་གིས་ཀྱང་དཔོག་དཀའི་ [017A][DD]༄༅། །གནད། །བློ་བཟང་རྒྱལ་བའི་དྲིན་གྱིས་བདག་འདྲས་ཀྱང། །སྨྲ་བའི་སྐལ་བཟང་རྙེད་འདི་ཨེ་མ་ཧོ། །འདིར་འབད་དགེ་བས་བདག་དང་འགྲོ་ ཀུན་ཀྱང། །སྲིད་པའི་རྒྱུ་བ་གཉུག་མའི་གཤིས་སུ་ཐིམ། །ལྷན་སྐྱེས་སྒྱུ་མའི་རོལ་པ་མཐར་ཐུག་གི། །དབྱིངས་སུ་ངལ་བསོའི་དགའ་སྟོན་མྱུར་ཐོབ་ཤོག་ དེ་ལྟར་རྒྱུད་རྒྱལ་མཐར་ཐུག་འདུས་འཕགས་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་འདི་ཡང་སེར་སྔགས་གླ་རིགས་དགེ་ཆོས་ལྡན་ཐོགས་མེད་དང། དབེན་གནས་བཀྲ་ཤིས་ཆོས་གླིང་གི་དགེ་སློང་བསྟན་འཛིན་ཚུལ་ཁྲིམས་ཟུང་ནས་ལྷ་རེག་ རྟེན་གསུམ་བཅས་ནན་དུབ་སྐུལ་ངོར་ཕ་བོང་ཁའི་སྲུལ་མིང་པས་བློ་བཟང་རྒྱལ་བའི་བཞེད་སྲོལ་དྲིམ་མེད་པའི་གསུང་གིས་ཉིང་པོ་བསྡུས་ཏེ་ཁྱེར་བདེར་སྤེལ་བའོ།། །། ༈ པའི་བདག་་ །སུརྱ་དཧྭ་ཛས་ཡོན་སྦྱར་ནམ་དཀར་མཐུས། །ས་ལམ་བགྲོད་པ་རབ་མྱུར་ཤིང་རྟའི་ཤུགས། །ཟུང་འཇུག་གདོད་མའི་རྒྱལ་སར་མྱུར་འགོད་ཤོག། ས་ཕྱི་ལོར་འཛུག་ཞུས་སོང།། [BP]